September 14, 2025

My thankful for my Parents

 

དྲིན་གྱི་བསྐྱངས་པའི་ཕ་མ།།

ཆུང་ཚེ་གསོ་བའི་དྲིན་ཆེ།།

སྦོམ་ཚེ་མི་གྲལ་བཙུགས་མི།།

བཀའ་དྲིན་ཁྱད་དུ་ཆེ་སོང་།།


ལུས་པོ་ཆུ་ཁར་མ་བཏང་།།

ཕྱི་ཡི་ཐ་སྙད་རྣམ་བཞག།

སྣ་ཚོགས་སྟོན་པའི་སློབ་དཔོན།།

འགོ་ཐོག་ཕ་མ་གཉིས་ཙམ།།


ཉལ་ན་ཉལ་གོ་ཆོག་པ།།

བཟའ་ན་ཟ་གོ་མ་ཆད།།

ཕྱི་ནང་རྐྱེན་ལས་སྐྱབས་མི།།

དྲིན་གྱི་ཕ་མ་གཉིས་ཙམ།།


ལེགས་ངན་འབྱེད་པའི་སྒྲིག་ལམ།།

བཟང་དཔེ་ངན་དཔེའི་རྣམ་བཞག།

ཆུང་ཚེ་ཨ་ལུའི་སྐབས་ལས།།

ད་བར་སྟོན་པའི་དྲིན་ཅན།།


དྲོ་བའི་ཉིམ་གྱི་ཕང་མར།།

སྐྱིད་པའི་རྐངམ་གཉིས་སྐྱང་འདི།།

དགའ་དགའ་སྐྱིད་སྐྱིད་ཡོད་མི།།

ཕ་མའི་བསླབ་གསོ་མཁསཔ་ལས།།

              - Dechen Wangmo (D1CSN) 

            - Yeshi Lhaden ( D1CSN)

No comments:

Chapter 3: Echoes in the Silence

                     College life had settled into its rhythm. The days passed in a blur of lectures, assignments, and hostel routines. Tand...