September 14, 2025

བཀའ་དྲིན་དགའ་ཚོར།

                       


ཆུང་དུས་ཕ་མ་གཉིས་ཀྱིས།། བྱམས་དང་སྙིང་རྗེ་བསྐྱེད་དེ།།

དབང་པོར་ཐོ་ཕོག་མེད་པར།། བདག་འཛིན་ལེགས་ཤོམ་འཐབ་སྟེ།།

ད་ལྟོ་མི་གི་སྦུག་ལུ།།    རྔམ་རྔམ་ཤིག་ཤིག་ཡོད་པ།།

དྲིན་ཅན་ཕ་མ་གཉིས་ལུ།། བཀའ་དྲིན་ཤིན་ཏི་ཆེ་སོང་།།

ཤེས་རིག་ཡོན་ཏན་མཁས་པའི།།    སློབ་དཔོན་རྣམ་ཉིད་མཇལ་ཏེ།།

ཕྱི་ནང་ཡོན་ཏན་ཐོབ་པ།། སློབ་དཔོན་བཀའ་དྲིན་ཆེ་སོངས།།

སྐྱབས་རྗེ་ཡིད་བཞིན་ནོར་བུ།། དམ་ཆོས་གསེར་གྱི་ཐིག་པ།།

འགྲོ་བ་ཡོངས་ལུ་རྩལ་བ།། རྒྱལ་ཁབ་ཞིན་བདེར་ཕན་སོང་།།

རང་དབང་རང་བཙན་རྒྱལ་ཁབ།།    ང་བཅས་འབྲུག་གི་རྒྱལ་ཁབ།།

ག་ཏེ་སྡོད་རུང་དགའ་བས།། ག་ཏེ་འགྱོ་རུང་སྐྱིད་བས།།

དེ་སྦེ་སྡོད་ནི་ཡོད་མི།།     མི་དབང་རིམ་བྱོན་ཚུ་གི།།

སྐུ་དྲིན་ཁོག་ནང་ཨིན་ཟེར།། བུམོ་རང་གིས་བསམ་དོ།།


- Panda

No comments:

Chapter 3: Echoes in the Silence

                     College life had settled into its rhythm. The days passed in a blur of lectures, assignments, and hostel routines. Tand...